
བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ ཨཱཕ་གྷ་ནིཛ་ཏཱན་གྱི་ བྱང་ཕྱོགས་ཁྲོམ་སྡེ་ མ་ཟར་ཨི་ ཤ་རིཕ་ཟེར་སར་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༦.༣ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ས་ཡོམ་དེ་ མི་སེར་ ༥༠༠,༠༠༠ དེ་ཅིག་ཡོད་མི་ ཁྲོམས་ཚོགས་དེ་ཁར་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡ དེ་ཅིག་ཁར་ རྐྱབ་ཡོདཔ་ད་ ས་ཡོམ་གྱི་ རྐྱེན་ངན་དེ་ནང་ མི་སེར་ ༣༢༠ ལྷགཔ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་མང་གཱན་ཟེར་མི་ མངའ་སྡེའི་ནང་ མི་གྲངས་ ༨ ལུ་ ཤི་རྐྱེན་དང་ ༡༨༠ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ བ་ལག་ཟེར་མི་ མངའ་སྡེའི་ནང་ཡང་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ ༡༢༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 860
Users Yesterday : 1386
This Month : 860
This Year : 136549
Total Users : 848365
Views Today : 1121
Total views : 2494627
Who's Online : 4