
བི་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ ཨཱཛ་ཊེ་ལི་ཡ་ལུ་ སྐྱེས་ལོ་ ༡༦ མན་ཆད་འབད་མི་ ཨ་ལོ་ན་ཆུང་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་མ་ཆོགཔ་ བཟོ་ནི་གི་ འཆར་གཞི་ཡོད་མི་དང་བསྟུན་ཏེ་ མི་སྡེ་བརྡ་བརྒྱུད་ལས་སྡེ་ཚུ་གིས་ ད་ལྟོ་ཡོད་མི་ མི་སྡེ་བརྡ་བརྒྱུད་ཀྱི་ ཁ་བྱང་ཚུ་ ལག་ལེན་འཐབ་མ་བཏུབ་ བཟོ་ཐབས་ལུ་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ བཏོན་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་ཡང་ དུས་ཅི་ གཞུང་གིས་ བཀོད་ཁྱབ་འབད་མི་ ཞིབ་འཇུག་ཅིག་ནང་ སྐྱེས་ལོ་ ༡༠ ལས་ ༡༥ གི་བར་ན་འབད་མི་ ཨ་ལོ་བརྒྱ་ཆ་ ༩༦ གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་ཡོད་པའི་ནང་ལས་ ཨ་ལོ་ ༡༠ ལས་ ༧ གྱིས་ གནོད་པ་ཅན་གྱི་ ནང་དོན་དང་ སྤྱོད་ངན་ཚུ་ བལྟ་ནི་དེ་གིས་ རང་སྲོག་བཅད་ནི་ལ་སོགས་པའི་ བྱ་སྤྱོད་ངན་པ་ཚུ་ དར་ཁྱབ་འགྱོ་བའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ དེ་བཟུམ་མའི་ སྤྱོད་ངན་ཚུ་ བཀག་ཐབས་ལུ་ ན་ཆུང་ཚུ་གི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་དགོཔ་དེ་ གཙོ་རིམ་ཅན་ཅིག་སྦེ་ ངོས་ལེན་མཛད་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3574
Users Yesterday : 4124
This Month : 63147
This Year : 500140
Total Users : 1211956
Views Today : 4969
Total views : 3257669
Who's Online : 23