
ཨེ་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ ཨིན་ཌོ་ནེ་ཤི་ཡའི་ སུ་མ་ཏ་ར་ མཚོ་གླིང་ནང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ཆུ་རུད་དང་ ས་རུད་ཀྱིས་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ གཞན་མི་ ༦ དེ་ཅིག་ཡང་ གར་སོང་མེད་པར་ བྱང་སྟོར་ཤོར་ནུག།
དེ་ཡང་ འདས་པའི་བདུན་ཕྲག་ནང་ལས་ སུ་མི་ཏ་ར་མངའ་སྡེའི་ ས་ཁོངས་ཚུ་ནང་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཏེ་ ས་རྡོ་དང་ ཤིང་དེ་ཚུ་ འཕྱགས་བདའ་འོངམ་ལས་ ཉེན་སྐྱོབ་སྡེ་ཚན་ཚུ་ གནོད་སྐྱོན་སྦོམ་བྱུང་སར་ ལྷོད་མ་ཚུགས་པའི་ དཀའ་ངལ་ཡང་ བྱུང་ཡོདཔ་ཨིན་པས།
ཨིན་རུང་ ཉེན་སྐྱོབ་སྡེ་ཚན་ཚུ་གིས་ གནོད་སྐྱོན་སྦོམ་བྱུང་མི་ སི་བཱོལ་གཱ་ ཁྲོམ་སྡེའི་ནང་ལས་ ཕུངམོ་ ༥ དང་ རྨ་སྐྱོན་བྱུང་མི་ ནདཔ་ ༣ ཐོབ་ཡོདཔ་ད་ གཡུས་མི་ ༤ བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ཐོབ་མི་དེ་ཡང་ འཚོལ་ཞིབ་འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཏ་པ་ནུ་ལི་ རྫོང་ཁག་ནང་ཡང་ ཆུ་རུད་དང་ ས་རུད་ཀྱིས་ སྡོད་ཁྱིམ་ལེ་ཤ་ཅིག་ལུ་ གནོད་སྐྱོན་རྐྱབ་སྟེ་ བཟའ་ཚང་ཅིག་ནང་ མི་གྲངས་ ༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་དང་ སྒྲིང་ཁྱིམ་ ༢,༠༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 629
Users Yesterday : 1729
This Month : 4431
This Year : 184334
Total Users : 896150
Views Today : 2199
Total views : 2632516
Who's Online : 9