ཨཱཛ་ཊེ་ལི་ཡ་ལུ་ ཨ་ལོ་ན་ཆུང་ཚུ་གི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་བཀག་དམ།

བི་བི་སི།

སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ འགོ་བཙུགས་ཏེ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་སྐྱེས་ལོ་ ༡༦ མན་ཆད་ཀྱི་དོན་ལས་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་དེ་ འཛམ་གླིང་ནང་ འགོ་དང་པ་ཨིན་པས།

དེ་ཡང་ ཨ་ལོ་ན་ཆུང་ཚུ་གི་ འགྲུལ་འཕྲིན་ནང་ དྲོ་པ་ལས་ར་ མི་སྡེ་བརྡ་བརྒྱུད་ཀྱི་ ཁ་བྱང་ཚུ་མེདཔ་སྦེ་ མཐོང་ཡོད་རུང་ གཞུང་གི་ཁ་ཐུག་ལས་ སྔོན་གོང་ལས་ར་ གོ་བརྡ་སྤྲོད་གནང་ནི་དེ་གིས་ རྣམ་རྟོག་ལང་དགོཔ་ མ་བྱུང་པས་ཟེར་བཀོད་ནུག།

ཁྲིམས་གསརཔ་དེ་གིས་ ན་ཆུང་ཚུ་གི་དོན་ལས་ མེ་ཊ་དང་ ཊིག་ཊོག་ ཡི་ཊུབ་ཚུ་གིས་གཙོས་པའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་ཡོདཔ་ལས་ ཨཱཛ་ཊེ་ལི་ཡའི་ མི་སེར་ཚུ་གིས་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ གཏོན་དགོཔ་སྦེ་ བཤདཔ་ཨིན་པས།

ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ ཨ་ལོ་ཚུ་གི་ ཉེན་སྲུང་གི་དོན་ལས་ གནོད་ཉེན་ཆེ་བའི་ མི་སྡེ་བརྡ་བརྒྱུད་ཚུ་ བཀག་དམ་འབད་མི་ལུ་ འཛམ་གླིང་རྒྱལ་སྤྱིའི་ དབུ་ཁྲིདཔ་ཚུ་གིས་ དགའ་ཚོར་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: