ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༢ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི།

སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ གཞུང་འབྲེལ་བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་རྒྱ་ནག་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ ཕྱི་རོའི་ཆུ་ཚོད་ ༩.༢༠ དེ་ཅིག་ཁར་ གུང་དོང་མངའ་སྡེའི་ ས་གནས་ཤཱན་ཏེའུ་ལུ་ ཐོག་ཚད་ ༤ འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོད་མི་དེ་ ཕྱི་རོའི་ཆུ་ཚོད་ ༡༠ དེ་ཅིག་ཁར་ བསད་ཚུགས་ཡོདཔ་སྦེ་ ས་གནས་ཀྱི་ མེ་བསད་ལས་ཁུངས་ཀྱིས་ གསལ་བཤད་འབད་ནུག།

མེ་རྐྱེན་དེ་ གུང་དོང་མངའ་སྡེའི་ ཁྱིམ་ཚང་ཨིན་མི་ ཧོང་ཀོང་ལུ་ འདས་པའི་ཟླཝ་ནང་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༦༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།

ཅའུ་ནཱན་རྫོང་ཁག་ནང་ སྒྲིང་ཁྱིམ་ཐོག་ཚད་ ༤ འབད་མི་དེ་ རང་བཟོ་ཐོག་གི་ སྒྲིང་ཁྱིམ་ཅིག་ཨིནམ་ད་ དེ་ཡང་ ས་ཁོངས་མི་ཊར་ ༡༥༠ གྲུ་བཞི་འབད་མིའི་ནང་ རྐྱབ་སྟེ་ཡོད་མི་དེ་ མེ་རྐྱེན་གྱིས་ ཐལ་བར་བརླགས་ཡོདཔ་སྦེ་ མེ་རྐྱེན་དང་ ཉེན་སྐྱོབ་སྡེ་ཚན་གྱིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: