ར་ཤི་ཡ་ལུ་ རྫས་བམ་ཅིག་འགས་པའི་ རྐྱེན་ངན་ནང་ ར་ཤི་ཡའི་ དམག་སྤྱི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི།

སྤྱི་ཟླ་ ༡༢ པའི་ཚེས་ ༢༢ ཀྱི་དྲོ་པར་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ སྣུམ་འཁོར་ཀར་གྱི་འོག་ལུ་ བཙུགས་བཞག་མི་ རྫས་བམ་ཅིག་འགས་པའི་ རྐྱེན་ངན་ནང་ ར་ཤི་ཡའི་ དམག་སྤྱི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

རྐྱེན་ངན་དེ་ལུ་ དབྱེ་ཞིབ་འབད་མི་ ཞིབ་དཔྱད་ཚོགས་ཆུང་གིས་ ཤི་རྐྱེན་བྱུང་མི་ གུང་བློན་ཕ་ནིལ་ སར་ཝ་རོབ་དེ་ ར་ཤི་ཡ་དམག་སྡེའི་ ལག་ལེན་སྦྱོང་བརྡར་ལས་ཁུངས་ཀྱི་ གཙོ་འཛིན་ཨིནམ་སྦེ་ གསལ་བཤད་འབད་ནུག།

ཞིབ་དཔྱད་ཚོགས་ཆུང་གིས་ དབྱེ་ཞིབ་སྙན་ཞུའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱ་ངན་དེ་ཁར་ ཡུ་ཀེ་རེན་གྱི་ གསང་བའི་བརྡ་དོན་ཞབས་ཏོག་ཚུ་ གྲལ་གཏོགས་ཡོདཔ་སྦེ་ཨིན་རུང་ ཡུ་ཀེ་རེན་གྱི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།

ཞིབ་དཔྱད་འབད་མི་ཚུ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོའི་ལྷོ་ཕྱོགས་ལུ་ རྐྱེན་ངན་བྱུང་སར་ བཏང་ཡོདཔ་བཞིན་དུ་ ཁོང་གིས་ སྙན་ཞུའི་ནང་ རྫས་བམ་དེ་ སྒྲིང་ཁྱིམ་ཅིག་གི་ ཉེ་འདབས་ལུ་ཡོད་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ འགས་ཡོདཔ་སྦེ་བཀོད་ནུག།

ར་ཤི་ཡ་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་བའི་ཤུལ་ལས་ ར་ཤི་ཡའི་རྒྱལ་ས་ལུ་ དམག་སྡེའི་འགོ་དཔོན་ ལེ་ཤ་ཅིག་ལུ་ར་ དམིགས་གཏད་བསྐྱེད་དོ་ཡོདཔ་སྦེ་ བཤདཔ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དུས་ཅི་ སྤྱི་ཟླ་ ༤ པའི་ནང་ མོཛ་ཀོ་ལུ་ སྣུམ་འཁོར་ཀར་ནང་ལས་ རྫས་བམ་ཅིག་འགས་ཏེ་ དམག་སྤྱི་ཡ་རོ་སི་ལབ་ མོཛ་ཀ་ལིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ཡང་ རྫས་བམ་ཅིག་འགས་ཏེ་ དམག་སྤྱི་ཨི་གོར་ ཀི་རི་ལོབ་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: