རྒྱ་གར་རྒྱལ་ཁབ་ནང་གི་ ཨ་ད་ནི་ ཚོང་སྡེའི་གཙོ་འཛིན་ གའུ་ཏམ་ཨ་ད་ནི་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཞི་བཙུགས་འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ།

པདྨ་དབང་འདུས།
སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ངོ་མིང་ཨ་ད་ནི་ལུ་ ནུས་ཤུགས་དང་ འབབ་ཚུགས་ འགོ་འདྲེན་དང་ སྐྱེལ་འདྲེན་ལ་སོགས་པའི་ ལས་སྡེ་ལེ་ཤ་ཅིག་ནང་ གཞི་རྟེན་མཁོ་ཆས་ བཟོ་བསྐྲུན་དང་ ལག་ལེན་ མ་དངུལ་བཙུགས་ནི་ཚུ་ནང་ མི་ལོ་བཅུ་ཕྲག་ ༣ ལས་ལྷག་པའི་ ཉམས་མྱོང་ཚུ་ཡོད་ཟེར་ཨིན་པས།
དེ་ཁ་ལུ་ རྒྱལ་སྤྱིའི་ཚོང་ལམ་ཚུ་ནང་ཡང་ གཞི་རྟེན་མཁོ་ཆས་དང་ སླར་བྱུང་ནུས་ཤུགས་ཚུ་ནང་ མཉམ་རོགས་ཐོག་ལས་ མ་རྩ་གཞི་བཙུགས་ རྒྱ་ཆེཝ་སྦེ་ར་འབད་ཡོདཔ་ལས་ ཨ་ད་ནི་གིས་ སླར་བྱུང་ནུས་ཤུགས་དང་ ཡུན་བརྟན་ཅན་གྱི་ གཞི་རྟེན་མཁོ་ཆས་ གོང་འཕེལ་ཚུ་ འགོ་ཁྲིད་འབད་ཡོད་མི་དེ་ འབྲུག་གི་མཐའ་འཁོར་གནས་སྟངས་དང་ གནམ་གཤིས་གནས་སྟངས་ཀྱི་ འགན་ཁུར་གྱི་ ཁས་ལེན་དང་ མཐུན་དོ་ཡོདཔ་སྦེ་བཀོད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: