ཕི་ལི་པིན་ལུ་ ཕྱགས་སྙིགས་སྤུངས་བཞག་ས་ལས་ ས་རུད་ཆད་དེ་ མི་ངོམ་ ༤ ལུ་ཤི་རྐྱེན།

བི་བི་སི།

བདུན་ཕྲག་འདི་ནང་ ཕི་ལི་པིན་གྱི་ དབུས་ཕྱོགས་ཁ་ཐུག་ལུ་ ཕྱགས་སྙིགས་སྤུངས་བཞག་སའི་ ས་ཁོངས་ནང་ལས་ ས་རུད་ཆད་པའི་ཤུལ་ལུ་ ཉེན་སྐྱོབ་འབད་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ མི་ངོམ་ ༡༠ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་སྦེ་ བཤདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ ཁྲོམ་དཔོན་ནེཛ་ཊོར་ ཨར་ཅི་ཝཱལ་གྱིས་ རྐྱེན་ངན་དེ་བྱུང་པའི་ ཉིནམ་ ༢ ཀྱི་ཤུལ་ལས་ སེ་བུ་ཁྲོམ་སྡེའི་ ས་ཁོངས་ནང་ ཤི་རྐྱེན་མ་བྱུང་པར་ གསོན་པོ་སྦེ་ཡོད་མི་ མི་ཐོབ་ནི་ཨིན་པའི་ ཚོར་སྣང་བྱུང་ཡོདཔ་སྦེ་བཤད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: