དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ ལས་འགུལ་གྱི་དོན་ལུ་ དམིགས་བསལ་གྱི་ སྐུ་རིམ་གནང་ཡོདཔ།

མགོན་པོ་རྡོ་རྗེ།

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་ལེགས་ཕུག་ དྲད་ཤེས་ཁྲོམ་ཚོགས་ཀྱི་ ས་ཁོངས་ནང་ རྒྱལ་ཡོངས་ཀྱི་ དམིགས་བསལ་སྐུ་རིམ་ སྒྲོལ་མའི་མདོས་ཆོག་གནང་མི་དེ་ རང་ཟླ་ ༡༡ པའི་ཚེས་ ༢༡ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ གྲོལ་གནང་ནུག།

རང་ཟླ་ ༡༡ པའི་ཚེས་ ༢༢ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ མགོན་པོའི་སྟོང་ཚོགས་ཀྱི་ ཚོགས་འཁོར་གནང་ནི་དང་ སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ གཞུང་གྲྭ་ཚང་དང་ རབ་སྡེ་གྲྭ་ཚང་ཁག་གི་ བླ་སློབ་དང་ དགེ་འདུན་པ་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་ནང་ ཞབས་ཏོག་ལས་མིའི་ ཕྱག་ལཱ་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: