ནོར་ཝེ་གིས་ ཡུ་ཀེ་རེན་ལུ་ ཡུ་རོ་ས་ཡ་ ༣༤༠ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༣༩༧ དེ་ཅིག་ གློ་བུར་གྱི་ རྒྱབ་སྐྱོར་མ་དངུལ།

རོའི་ཊརཛ།

སྤྱི་ཟླ་ ༡ པའི་ཚེས་ ༡༢ ལུ་ ནོར་ཝེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དམག་འཁྲུག་སྐབས་ལུ་ གནོད་སྐྱོན་བྱུང་མི་ ནུས་ཤུགས་དང་ གལ་གནད་ཆེ་བའི་ ཞབས་ཏོག་ཚུ་གི་དོན་ལས་ སྤྱི་ལོ་ ༢༠༢༦ ལུ་ ཡུ་རོ་ས་ཡ་ ༣༤༠ འབདཝ་ད་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༣༩༧ དེ་ཅིག་ གློ་བུར་གྱི་ རྒྱབ་སྐྱོར་མ་དངུལ་སྦེ་ བྱིན་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: