གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་ ༣ དང་ དབུ་འཛིན་འོགམ་ ༡ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར།

རང་ཟླ་ ༡༡ པའི་ཚེས་ ༢༤ སྤྱི་ཟླ་ ༡ པའི་ཚེས་ ༡༢ ལུ་ གཟའ་སྐར་དགེ་བའི་ཉིནམ་དང་འབྲེལ་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་གིས་ བླམ་ ༣ དང་ དབུ་འཛིན་འོགམ་ ༡ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།

དེ་ཡང་ སྤ་རོ་རྡོ་དཀར་ལས་ཨིན་མི་ ཚེ་རིང་རྡོ་རྗེ་དེ་ གསེར་ལུང་དགོན་འཛིན་གྲྭ་ཚང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྤྱི་ལོ་ ༢༠༠༣ ལས་ གསེར་ལུང་དགོན་པའི་ སློབ་གྲྭའི་ནང་ འཛུལ་ཞུགས་ཀྱིས་ གཞི་རིམ་ཤེས་ཡོན་ མཐར་འཁྱོལ་བའིཤུལ་ལུ་ འབྲིང་རིམ་དང་ མཐོ་རིམ་གྱི་ ཤེས་ཡོན་ཚུ་ ཤར་མཁོ་ཐང་རིན་ཆེན་གླིང་ བཤད་གྲྭ་ལས་དང་ གཙུག་ལག་མཐོ་རིམ་ཤེས་ཡོན་དེ་ རྟ་མགོ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: