མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ།

སྨིན་དྲུག་རྡོ་རྗེ།
སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ རྒྱ་གར་ཨ་སམ་མངའ་སྡེའི་ ས་གནས་ཀོག་ར་ཇཱར་ལུ་ཡོད་མི་ བོ་དོ་ལེན་ གཙུག་ལག་སློབ་སྡེའི་ནང་སྦེ་ རྟེན་འབྲེལ་བརྩི་སྲུང་ཐོག་ལུ་ སྤྱི་ལོ་ ༢༠༢༥ ལོའི་ བྱམས་བརྩེ་དཔའ་བོའི་ རྟགས་མ་ཕུལ་ཡོདཔ་ཨིན་པས།
རྟགས་མ་དེ་ ཨུ་པན་ད་ར་ ནཱཐ་བྷྲ་མ་ བློ་གཏད་ལས་སྡེ་གིས་ ཕུལ་ཡོདཔ་ད་ དེ་ཡང་ བོ་དོ་མི་སྡེའི་ མ་འོངས་སྔོན་གཟིགས་ཅན་དང་ བྱམས་བརྩེ་ཅན་གྱི་དབུ་ཁྲིད་ བོ་དོ་ཕ་ ཨུ་པན་ད་ར་ ནཱཐ་བྷྲ་མའི་ མཚན་ཐོག་ལུ་ གཞི་བཙུགས་འབད་ནུག།

Please follow and like us: