པཱ་ཀིཛ་ཏཱན་གྱིས་ ཨཕ་གྷན་གྱི་ཁྲོམ་ཚོགས་ ཀ་བཱུལ་དང་ ཀན་ཌ་ཧར་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ།

བི་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༢༧ གྱི་དྲོ་པར་ པཱ་ཀིཛ་ཏཱན་གྱིས་ ཨཕ་གྷ་ནིཛ་ཏཱན་གྱི་ཁྲོམ་ཚོགས་ ཀ་བཱུལ་དང་ ཀན་ཌ་ཧར་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་སྦེ་ པཱ་ཀིཛ་ཏཱན་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།
དེ་བསྒང་ པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁར་ཡོད་མི་ པཱ་ཀིཛ་ཏཱན་གྱི་ དམག་མི་ཚུ་ལུ་ཡང་ ཨཕ་གྷ་ནིཛ་ཏཱན་གྱི་ ཁ་ཐུག་ལས་ ལོག་སྟེ་ར་ དགྲ་ལན་འཇལ་ཡོདཔ་སྦེ་ ཨཕ་གྷན་ཏཱ་ལི་བཱན་གྱིས་ གསལ་བཤད་འབད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: