
རོའི་ཊརཛ།
ཨཕ་གྷ་ནིཛ་ཏཱན་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ གྲོགས་རམ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྱིམ་ཚང་རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ཟླ་ ༢ པའི་ཚེས་ ༢༦ ལས་ སྤྱི་ཟླ་ ༣ པའི་ཚེས་ ༢ ཚུན་ དམག་འཁྲུག་ལངས་མིའི་ནང་ མི་སེར་ ༤༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་མ་ཚད་ ཨཕ་གྷ་ནིཛ་ཏཱན་དང་ པ་ཀིཛ་ཏཱན་གྱི་བར་ན་ སྤྱི་ཟླ་ ༣ པའི་ཚེས་ ༣ ལུ་ཡང་ དམག་འཁྲུག་སྦོམ་སྦེ་ར་ ལངས་ཡོདཔ་ལས་ ཨཕ་གྷ་ནིཛ་ཏཱན་གྱིས་ པ་ཀིཛ་ཏཱན་གྱི་ ཀན་ཌ་ཧར་ ལུང་ཕྱོགས་ནང་ ས་གནས་གཞན་ཅིག་ཡང་ བཙན་བཟུང་འབད་ནུག།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 108
Users Yesterday : 1379
This Month : 108
This Year : 228949
Total Users : 940765
Views Today : 240
Total views : 2739283
Who's Online : 4