ཁྲལ་གྱི་གསལ་བསྒྲགས་ ཨང་ ༣ པ་: དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཆང་དང་ བི་ཡར་གྱི་རིགས་ལུ་ ཁྲལ་གྱི་ལམ་ལུགས་གསར་བཏོད།

པདྨ་དབང་འདུས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ད་ལྟོ་ཡོད་མི་ བཙོང་ཁྲལ་གྱི་ ལམ་ལུགས་དེ་ རང་འཇགས་བཞག་ནི་ཨིནམ་སྦེ་ གསལ་བསྒྲགས་འབད་ཞིནམ་ལས་ཚུར་ ཁྲལ་གྱི་སྲིད་བྱུས་ཀྱི་ ཀུན་སློང་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ མཐུན་སྒྲིག་ཅན་ཡོད་མེད་དང་ ཁྲོམ་ཚོགས་དེ་གི་ ཡར་འཕར་དང་ གོང་འཕེལ་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ བཙོང་ཁྲལ་ལམ་ལུགས་ཀྱི་ ཁྱད་ཆོས་ཚུ་ བསྐྱར་ཞིབ་དང་ ཞུན་དག་འབད་ཡོདཔ་ཨིན་པས།
དེ་གི་ནང་ལས་ བསྐྱར་ཞིབ་གཙོ་བོ་དེ་ ཆང་དང་འབྲེལ་བའི་ ཁྲལ་གྱི་ལམ་ལུགས་ཚུ་འབད་ཡོདཔ་ད་ དེ་ཡང་ རྒྱལ་སྤྱིའི་གནས་སྟངས་ནང་ ཆང་དང་འབྲེལ་བའི་ཁྲལ་དེ་ མི་སྡེ་ལུ་ ཆང་གི་གནོད་པའི་ དཀའ་ངལ་བསལ་ཐབས་དང་འབྲེལ་ཏེ་ མགུ་རྙོག་དྲགས་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ གསལ་བཀོད་འབད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: