ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༧ ལུ་ཤི་རྐྱེན།

བི་བི་སི།

སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་ ཁར་ཀིབ་ལུ་ ཁང་ཚན་སྒྲིང་ཁྱིམ་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ ཨ་ལོ་ཚུ་རྩིས་ཏེ་ མི་གྲངས་ ༧ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞན་མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།

དེ་ཡང་ ཐོག་ཚད་ ༥ འབད་མི་ ཁང་ཚན་སྒྲིང་ཁྱིམ་དེ་ མི་ཛ་ཡེལ་གྱི་ཐོག་ལས་ གཏོར་བཤིག་འབད་བའི་ཤུལ་ལུ་ སྲོག་སྐྱབས་འབད་མི་ཚུ་གིས་ རག་རོ་ཚུ་ སེལ་བའི་བསྒང་ཡོད་ཟེར་ ལུང་ཕྱོགས་གཙོ་འཛིན་ ཨོ་ལེག་སི་ནེ་གུ་བོབ་ཀྱིས་ བཤད་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: