
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཀུར་སྟོད་ཨའུ་མཚོ་ རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ སྐུ་གསུམ་འདུ་ཁང་ཕོ་བྲང་ནང་སྦེ་ ལོ་བསྟར་གྱི་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ སྒྲུབ་ཆེན་ཐེངས་ ༡༢ པ་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་ ༡ པའི་ཚེས་ ༡༥ སྤྱི་ཟླ་ ༣ པའི་ཚེས་ ༣ ལས་ ཉིན་གྲངས་ ༧ གྱི་རིང་ལུ་ གནང་པའི་བསྒང་ཡོད་མི་ སྒྲུབ་ཆེན་དེ་ རང་ཟླ་ ༡ པའི་ཚེས་ ༢༢ སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ དངོས་གྲུབ་བླངས་བ་དང་ མཐོང་གྲོལ་མཇལ་ཁ་ དེ་ལས་ ཚོགས་འཁོར་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་ཟེར་ སློབ་དཔོན་པདྨ་རྡོ་རྗེ་གིས་ གསུངསམ་ཨིན་པས།
དེ་བཟུམ་མའི་ སྒྲུབ་མཆོད་གནང་མི་དེ་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ནང་ དམག་འཁྲུང་ལང་བཞིན་དུ་ཡོད་མི་དེ་ འཕྲལ་མྱུར་ཞི་ཐབས་ལུ་ཨིནམ་ད་ ཡང་སྒོས་ འབྲུག་རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ གནངམ་ཨིན་པའི་གནས་ཚུལ།





Users Today : 1285
Users Yesterday : 1536
This Month : 11869
This Year : 147558
Total Users : 859374
Views Today : 2643
Total views : 2519737
Who's Online : 8