ཨིཛ་རཱལ་གྱི་ དམག་མི་ཚུ་གིས་ ཤར་ཕྱོགས་དང་ ལྷོ་ཕྱོགས་ལེ་བ་ནཱོན་ལུ་ གནོད་འཚུབ་བཀལ་ཡོདཔ།

ཨཱལ་ཇ་ཟི་ར།

ཨིཛ་རེལ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་ཐོག་ལས་ ཨི་རཱན་ལུ་ དམག་རྐྱབ་མི་དང་འབྲེལ་ཏེ་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ལེ་བ་ནཱོན་གྱི་ ཧེཛ་བཱོལ་ལ་སྡེ་ཚན་ལུ་ དམིགས་གཏད་བསྐྱེད་དེ་ ཨིཛ་རཱལ་གྱི་ དམག་མི་ཚུ་གིས་ ཤར་ཕྱོགས་དང་ ལྷོ་ཕྱོགས་ལེ་བ་ནཱོན་ལུ་ གནོད་འཚུབ་བཀལ་ནུག།

དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ ཨིཛ་རེལ་གྱི་ དམག་སྡེ་གིས་ ལེ་བ་ནཱོན་གྱི་ཁྲོམ་སྡེ་ ཊི་རེ་དང་ སི་ཌཱོན་ལུ་སྡོད་མི་ མི་སེར་ཚུ་ དེ་འཕྲལ་ལས་ མི་ཊར་ ༣༠༠ དེ་ཅིག་གི་ས་ཁར་ སྤོ་བཤུད་འབད་དགོ་པའི་ ཉེན་བརྡ་འབད་བའི་ཤུལ་ལས་ར་ གནོད་འཚུབ་བཀལ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: