མི་དབང་རྒྱལ་བཙུན་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ ཀུ་རུ་ཀུལླེ་ལྟེ་བ་ གསར་བཞེངས་ཀྱི་ ས་སླང་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

རང་ཟླ་ ༡ པའི་ཚེས་ ༢༥ སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་ ཀུ་རུ་ཀུལླེ་ལྟེ་བ་ གསར་བཞེངས་ཀྱི་ ས་སླང་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་རྒྱལ་སྲསམོ་ བདེ་སྐྱིད་གཡང་འཛོམས་དབང་ཕྱུག་དང་ མི་དབང་རྒྱལ་སྲསམོ་ བདེན་ཆེན་དབང་མོ་དབང་ཕྱུག་ དེ་ལས་ ཨ་ཞེ་ཡིད་འཚོ་ལྷ་མོ་ཚུ་ཡང་ ཕྱག་ཞུ་སྟེ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: