པཱ་ཀིཛ་ཏཱན་གྱིས་ ཨཕ་གྷ་ནིཛ་ཏཱན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༤༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།

སྤྱི་ཟླ་ ༣ པའི་ཚེས་ ༡༦ གི་ཕྱི་རོ་ ཨཕ་ག་ནིཛ་ཏཱན་གྱི་རྒྱལ་ས་ ཀ་བཱུལ་ལུ་ཡོད་མི་ སྨྱོ་རྫས་བཀག་ཐབས་ཀྱི་ མི་ཚེ་ཉམས་གསོའི་ སྨན་ཁང་ཅིག་ལུ་ པཱ་ཀིཛ་ཏཱན་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༤༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ༢༥༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།

དེ་ཡང་ པཱ་ཀིཛ་ཏཱན་གྱི་ བརྡ་དོན་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཀ་བཱུལ་དང་ ཨཕ་གྷན་གྱི་ ཤར་ཕྱོགས་མངའ་སྡེ་ ནང་ག་ཧར་ལུ་ གཡིབ་དམག་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ བཙུགས་བཞག་འབད་མི་ གཞི་བརྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་བཀལ་ནི་གི་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: