མི་དབང་ཞབས་ལས་ སི་དརཐ་ཤཱ་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་མདོ་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ།

པདྨ་དབང་འདུས།

སྤྱི་ཟླ་ ༣ པའི་ཚེས་ ༡༦ ལུ་ ཚོགས་གནང་མི་ སྤྱི་ལོ་ ༢༠༢༦ ལོའི་ བཀོད་ཚོགས་ཞལ་འཛོམས་ ཐེངས་དང་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སི་དརཐ་ཤཱ་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཚོགས་མདོ་ཆེན་སྦེ་ བསྐོ་བཞག་གནང་ནུག། 

སི་དརཐི་ཤཱ་དེ་ ཁའི་ཏཱན་ཚོང་སྡེའི་ མཉམ་རོགས་རྙིངམ་ཅིག་ཨིནམ་ད་ ཚོང་སྡེ་དེ་ཡང་ མ་དངུལ་ལག་ལེན་ནང་ འགོ་ཁྲིད་འབད་མི་ ཚོང་སྡེ་ཅིག་ཨིནམ་ལས་ ཁོ་ལུ་ མ་དངུལ་བསྡུ་གསོག་གི་ ཚོང་མགྲོན་པ་ཚུ་ལུ་ བསླབ་བྱ་བྱིན་ནི་དང་ མ་རྩ་གཞི་བཙུགས་འབད་ནི་ སྒེར་སྡེའི་བགོ་བཤའ་སྤྲོད་ལེན་ མཉམ་བསྡོམས་ཀྱི་ཁེ་ལཱ་ ཚོང་སྡེ་གཅིག་བསྡུས་ མཁོ་སྒྲུབ་ལ་སོགས་པའི་ནང་ ལོ་ངོ་བཅུ་ཕྲག་ ༢ ཀྱི་ ཉམས་མྱོང་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: