ཨིཛ་རེལ་གྱིས་ བཻ་རུཊ་ལུ་ གནོདཔ་བཀལ་ཏེ་ སྒྲིང་ཁྱིམ་ཅིག་ མེདཔ་བཏང་ཡོདཔ།

བི་བི་སི།

སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ ཨིཛ་རེལ་གྱིས་ བཻ་རུཊ་ལུ་ སྒྲིང་ཁྱིམ་ཅིག་ མེདཔ་བཏང་ཡོདཔ་ད་ དེ་ཡང་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ ཧེཛ་བཱོལ་ལཱ་སྡེ་ཚན་ སྟོབས་ཤུགས་སྦོམ་ཡོད་སའི་ ས་ཁོངས་ཚུ་ནང་ མི་ཛ་ཡེལ་བཏང་སྟེ་ གནོད་འཚུབ་བཀལཝ་ཨིན་པས།

མ་གཞི་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཧེཛ་བཱོལ་ལཱ་དང་ འབྲེལ་བ་ཡོད་པའི་ མཐུན་རྐྱེན་ཅིག་ལུ་ གནོད་འཚུབ་བཀལ་ནི་གི་ དམིགས་གཏད་བསྐྱེད་དེ་ ཆུ་ཚོད་ ༤ དེ་ཅིག་ཁར་ སྒྲིང་ཁྱིམ་དེ་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ སྟོངམ་བཏོན་དགོ་པའི་ ཉེན་བརྡ་འབད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: