དྲང་ཁྲིམས་ལས་སྡེའི་ ཨང་ཅན་མདུན་ལམ་ (༢༠༢༦–༢༠༢༩) ཅན་མ་ འགོ་འབྱེད་གནང་ཡོདཔ།

པདྨ་དབང་འདུས།

སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ནང་ དྲང་ཁྲིམས་ལས་སྡེའི་ ཨང་ཅན་མདུན་ལམ་ (༢༠༢༦–༢༠༢༩) ཅན་མ་ འགོ་འབྱེད་མཛད་གནང་ཡོདཔ་ད་ དེ་ཡང་ དྲང་ཁྲིམས་ལས་སྡེའི་ ཨང་ཅན་གཞི་སྒྱུར་ནང་ རྒྱ་ཆེ་བའི་ གོམ་པ་མདུན་སྤོའི་ ལས་སྣ་ཅིག་ཨིན་པས།  

འགོ་འབྱེད་དེ་ནང་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་གི་གཙོ་འཛིན་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་ཡང་ འགག་སྡེའི་ཁྲིམས་རྩོདཔ་དང་ ཁྲིམས་ཁང་ བལྟ་རྟོག་གཙུག་སྡེ་ཚུ་ “ཁྲིམས་ལུགས་གཅིག་” གི་འོག་ལུ་ གཅིག་སྒྲིལ་ཅན་སྦེ་ མཐུད་སྦྲེལ་འབད་དེ་ འགོ་འདྲེནལེགས་སྒྱུར་དང་ དུས་ཡུན་ཐུང་ཀུ་བཟོ་ནི་ དེ་ལས་ མི་མང་ལུ་ དྲང་ཁྲིམས་ཀྱི་གོ་སྐབས་ ཡར་དྲག་གཏང་ཐབས་ལུ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: