ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ལེ་བ་ནཱོན་གྱི་ ལྷོ་ཁ་ཐུག་ལུ་ཡོད་མི་ ལི་ཊ་ནི་ གཙང་ཆུའི་ཟམ་ ༢ གཏོར་བཏང་ཡོདཔ།

བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཨིཛ་རེལ་མཁའ་དམག་གིས་ ལེ་བ་ནཱོན་གྱི་ ལྷོ་ཕྱོགས་དང་ རྒྱལ་ཁབ་གཞན་ཚུ་དང་ མཐུད་སྦྲེལ་འབད་དེ་ཡོད་མི་ ལི་ཊ་ནི་ གཙང་ཆུའི་ཟམ་ ༢ གཏོར་བཏང་ནུག།
དེ་ཡང་ ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེཛ་བཱོལ་ལ་ མཚོན་ཆ་འབག་མི་སྡེ་ཚན་གྱིས་ ཟམ་དེ་བརྒྱུད་དེ་ འཐབ་འཛིང་འབད་བའི་ཁར་ གོ་མཚོན་ཚུ་ཡང་ སྐྱེལ་འདྲེན་འབདཝ་ལས་ གཏོར་བཏང་ཡི་ཟེར་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: