འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ས་སྣུམ་གྱི་གོང་ཚད་ ཡར་སེང་འགྱོ་མི་ལུ་དོགས་སེལ།

པདྨ་དབང་འདུས།
འབྲུག་གཞུང་གིས་ ད་རེས་ འཕྲལ་ཁམས་ཅིག་ཁ་ལས་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་ཡོད་མིའི་སྐོར་ལས་ དོགས་སེལ་གནང་མིའི་ནང་ ས་སྣུམ་གྱི་ གོང་ཚད་ཡར་སེང་དེ་ ཁྲལ་དང་ གླ་ཡོན་ གླ་འཐུས་གསརཔ་ཚུ་ལུ་བརྟེན་ཏེ་མིན་པར་ འཛམ་གླིང་ཤར་དབུས་ལུ་ ཟིང་འཁྲུག་ལངས་ནི་ འགོ་བཙུགས་ཞིནམ་ལས་ཚུར་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་དེ་ བརྒྱ་ཆ་ ༥༠ ལས་ལྷག་སྟེ་ ཡར་སེང་སོང་མི་ལུ་བརྟེན་ཏེ་ཨིན་ཟེར་བཀོད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: