
བི་བི་སི།
ནིའུ་ཡོག་གི་ ལ་གར་ཌི་ཡ་ གནམ་གྲུའི་ཐང་ནང་ ཨེ་ཡར་ཀེ་ན་ཌ་ གནམ་གྲུ་དང་ མེ་བསད་སྣུམ་འཁོར་ ༢ ཁ་ཐུག་རྐྱབ་ཡོདཔ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ མེ་བསད་མི་ ༢ རྩིས་ཏེ་ ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༢ ཀྱི་ནུབ་མོར་ མི་གྲངས་ ༧༠ དེ་ཅིག་འབད་མི་ གནམ་གྲུ་དེ་ མཱོནཊ་རིལ་ལས་ འཕུར་འགྲུལ་འབད་དེ་ གནམ་ཐང་དེ་ཁར་ ཆགས་པའི་སྐབས་ལུ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 898
Users Yesterday : 1350
This Month : 33217
This Year : 168906
Total Users : 880722
Views Today : 7994
Total views : 2599632
Who's Online : 32