
སྤྱི་ཟླ་ ༤ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ཚེས་བཅུའི་ ཉིནམ་མཇུག་ལུ་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས།
སྤ་རོ་ཚེས་བཅུ་དེ་ སྤྱི་ཟླ་ ༣ པའི་ཚེས་ ༢༩ ལས་ སྤྱི་ཟླ་ ༤ པའི་ཚེས་ ༢ ཚུན་ འགོ་འདྲེན་འཐབ་ཡོདཔ་ད་ མི་སེར་མང་ཤོས་ར་ ཉིན་གྲངས་ ༥ གི་ ཚེས་བཅུའི་ཉིནམ་མཇུག་ལུ་ བྱིན་རླབས་ཅན་གྱི་ གུ་རུའི་མཐོང་གྲོལ་ཆེན་མོ་ མཇལ་ཁ་གནང་སར་ སྤུངས་འཛོམས་འབད་ནུག།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གུ་རུའི་མཐོང་གྲོལ་གྱི་མདུན་ལུ་ ཐུགས་སྨོན་ཚུ་གནང་སྟེ་ ས་གནས་དེ་ཁར་འཛོམས་མི་ མི་སེར་ཚུ་དང་ མཇལ་ཕྲད་མཛད་གནང་ཡོད་པའི་གནས་ཚུལ།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 1042
Users Yesterday : 1298
This Month : 47446
This Year : 227349
Total Users : 939165
Views Today : 2679
Total views : 2736467
Who's Online : 6