
མེ་རྟ་ཟླཝ་ ༢ པའི་ཚེས་ ༡༥ སྔ་མ་ སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ དུས་ཆེན་དང་འབྲེལ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ འབྲུག་ཨོ་རྒྱན་བསམ་ཡས་གླིང་ལུ་ དབང་ལུང་གནང་ནི་ འགོ་བཙུགས་གནང་ནུག།
དེ་ཡང་ གཏེར་སྟོན་ལས་རབ་གླིང་པའམ་ གཏེར་སྟོན་བསོད་རྒྱལ་གྱི་ དགོངས་གཏེར་རྟེན་འབྲེལ་ ཉེས་སེལ་དབང་གི་སྒོ་ལས་ བཀའ་དབང་དང་ རྫོགས་ཆེན་མཁན་པོ་ གཞན་ཕན་ཆོས་ཀྱི་སྣང་བ་གིས་ མཛད་གནང་པའི་ གཞུང་ཆེན་བཅུ་གསུམ་ལས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ མཆན་འགྲེལ་གྱི་ ལྗགས་ལུང་ཚུ་ གནངམ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 1217
Users Yesterday : 1440
This Month : 18624
This Year : 198527
Total Users : 910343
Views Today : 1980
Total views : 2660052
Who's Online : 13