
ཨཱལ་ཇ་ཛི་ར།
སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ ཨི་ཟི་རེལ་གྱིས་ བྱང་ཕྱོགས་ལེ་བཱ་ནཱོན་དང་ རྒྱལ་ས་བཻ་རཱུཊ་གི་ ས་ཁོངས་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ལེ་བཱ་ནཱོན་དང་ སི་རི་ཡའི་ ས་མཚམས་སྒོ་བསྡམ་དགོ་པའི་ ཉེན་བརྡ་འབད་བའི་ ཉིནམ་ ༡ གི་ཤུལ་ལས་ བཀལ་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ཡང་ བེེ་རུཊ་གི་ ལྷོ་ཕྱོགས་ཁྲོམ་ཟུར་ཅིག་ལུ་ ནང་མི་བཟའ་ཚང་ ༦ བརྩིས་ཏེ་ མི་སེར་བསྡོམས་ ༡༠ ཡང་ དམར་བསད་འབད་ནུག་ཟེ་ བཀོད་འདུག་པའི་གནས་ཚུལ།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།






Users Today : 490
Users Yesterday : 1964
This Month : 25306
This Year : 205209
Total Users : 917025
Views Today : 850
Total views : 2678268
Who's Online : 6