
རང་ཟླ་ ༢ པའི་ཚེས་ ༢༡ སྤྱི་ཟླ་ ༤ པའི་ཚེས་ ༨ ལས་ འགོ་བཙུགས་ཏེ་ ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ རྒྱལ་ཁབ་དང་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས་དེ་ ཉིན་གྲངས་ ༩ གི་རིང་ལུ་ གནངམ་ཨིན་པས།
དེ་ཡང་ གཞུང་གྲྭ་ཚང་གི་ ཚོགས་སློབ་སྐུ་བགྲེས་ རྡོ་རྗེ་རིན་ཆེན་མཆོག་ དབུ་བཞུགས་ཐོག་ལུ་ རྩིས་གཞུངམཐོ་རིམ་་སློབ་གྲྭའི་ དགེ་སློང་ཚུ་གིས་ གནང་དོ་ཡོདཔ་ད་ རང་ཟླ་ ༢ པའི་ཚེས་ ༣༠ སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ དཔལ་ལྡན་ལྷ་མོའི་ ཚོགས་འཁོར་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིནམ་སྦེ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ གདོང་དེབ་ནང་བཀོད་ནུག།
དེ་བཟུམ་མའི་ འབྱུང་བ་སྤྱི་མདོས་ གནང་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ དཔལ་འབྲུག་པའི་ བསྟན་སྲིད་ལུ་གནོད་པའི་ འགལ་རྐྱེན་བར་ཆད་དང་ མི་མཐུན་པའི་ཕྱོགས་ག་ར་ཞི་སྟེ་ རྒྱལ་ཁབ་ནང་ དགའ་སྐྱིད་འཕྲོ་མཐུད་དེ་ར་ གནས་ཐབས་ལུ་ཨིནམ་ད་ ཡང་སྒོས་སུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ སྐྱེས་ཆེན་དམ་པ་ཚུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་ཐབས་ལུ་དམིགས་ཏེ་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 1214
Users Yesterday : 1440
This Month : 18621
This Year : 198524
Total Users : 910340
Views Today : 1969
Total views : 2660041
Who's Online : 11