མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁས་བླངས་ཞབས་ཏོག་ལས་རིམ་ ཐེངས་ ༦ པའི་ འགོ་འབྱེད་ནང་ དབུ་བཞུགས་མཛད་གནང་ཡོདཔ།

པདྨ་དབང་འདུས།

སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁས་བླངས་ཞབས་ཏོག་ལས་རིམ་ ཐེངས་ ༦ པའི་ འགོ་འབྱེད་ནང་ དབུ་བཞུགས་མཛད་གནང་ནུག། 

ད་རེས་ཀྱི་ ཁས་བླངས་ལས་རིམ་དེ་ནང་ ལྷ་ཁང་དགོན་སྡེ་དང་ ཆོས་ཕྱོགས་ཀྱི་མི་སྡེ་ སྤྱིར་བཏང་མི་སེར་ གཞུང་གི་ལྷན་ཁག་ རྫོང་ཁག་བདག་སྐྱོང་ ཚོང་ལཱ་ཚུ་གི་ནང་ལས་ ཁས་བླངས་པ་བསྡོམས་ ༨,༡༠༠ དེ་ཅིག་གིས་ གྲལ་གཏོགས་འབད་དོ་ཡོདཔ་ད་ ཁོང་གི་གྲས་ཁར་ ཨཱཛ་ཊྲེ་ལི་ཡ་ལས་ འབྲུག་མི་ ༡༥༧ གྱིས་ཡང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: