ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ དམག་སྡེའི་གཙོ་འཛིན་སྦེ་ ཨམ་སྲུ་འགོ་དང་པ་ བསྐོ་བཞག་འབད་ནི།

རོའི་ཊརཛ།

སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ གཞི་བཀོད་བསྒྱུར་བཅོས་དང་འཁྲིལ་ཏེ་ དམག་སྡེའི་གཙོ་འཛིན་སྦེ་ ཨམ་སྲུ་བསྐོ་བཞག་འབད་ནི་ཨིན་མི་དེ་ ཨཱཛ་ཊེ་ལི་ཡའི་ བྱུང་རབས་ནང་ འགོ་དང་པ་ཨིན་པས།

དེ་ཡང་ ད་ལྟོ་ མཉམ་འབྲེལ་ལྕོགས་གྲུབ་གཙོ་འཛིན་སྦེ་ ཕྱག་ཞུ་མི་ གུང་བློན་སུ་སན་ ཀོའི་ལེ་དེ་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ གུང་བློན་སི་མཱོན་ སི་ཅརཊ་གི་ཚབ་སྦེ་ བསྐོ་བཞག་འབད་ནི་ཨིནམ་སྦེ་ གཞུང་གི་ཁ་ཐུག་ལས་ གསལ་བསྒྲགས་གནང་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: