འབྲུག་ཕུཊ་བཱོལ་མཐུན་ཚོགས་ཀྱིས་ དགེ་ལེགས་ཕུག་ལུ་ ཧུ་མེལ་དང་གཅིག་ཁར་ མཉམ་འབྲེལ་གྱི་ གོ་དོན་ཆིངས་ཡིག་གུ་ མིང་རྟགས་བཀོད་ཡོདཔ།

པདྨ་དབང་འདུས།

སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ འབྲུག་ཕུཊ་བཱོལ་མཐུན་ཚོགས་ཀྱིས་ འབྱུང་རབས་ནང་ གལ་གནད་ཆེ་བའི་ མཉམ་འབྲེལ་གྱི་དོན་ལས་ དགེ་ལེགས་ཕུག་ གཱོལ་ཕིཤ་རི་ཛོཊ་ནང་སྦེ་ དམིགས་བསལ་གྱི་ དུས་སྟོན་ཅིག་ བརྩི་སྲུང་ཐོག་ལས་ ཧུ་མེལ་དང་གཅིག་ཁར་ གོ་དོན་ཆིངས་ཡིག་གུ་ གཞུང་འབྲེལ་དུ་ མིང་རྟགས་བཀོད་ནུག།

དུས་སྟོན་དེ་ཁར་ ཆེ་མཐོའི་སྐུ་མགྲོན་ཚུ་གི་གྲས་ཁར་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་དང་ ཌེན་མཱག་གི་ འབྲུག་གི་མཆེད་བསྟོད་སྐུ་ཚབ་ རཱཛ་མུཛ་ ཨ་བིལ་པཱཌ་དང་ ཀི་རིཛ་ཅཱན་ སི་ཊ་དིལ་ འབྲུག་ཕུཊ་བཱོལ་མཐུན་ཚོགས་ཀྱི་གཙོ་འཛིན་ དྲགོས་ཨྱོན་ཚེས་བཅུ་དང་ བཀོད་ཁྱབ་འཐུས་མི་དང་ འགོ་དཔོན་ཚུ་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: