
པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་ དྲག་ཤོས་ཕྲིན་ལས་ནོར་བུ་གིས་ ཕྱག་ཞུ་ཐོག་ལུ་ དར་དཀར་ན་ གེ་སར་གླིང་སློབ་གྲྭ་ལྟེ་བའི་ནང་ འབྲུག་གི་དབང་པོ་སྐྱོན་ཅན་གྱི་ རྩེད་རིགས་དུས་སྟོན་ ཐེངས་ ༧ པའི་ནང་ དབུ་བཞུགས་མཛད་གནང་ནུག།
དུས་སྟོན་དེ་ཁར་ མི་དབང་རྒྱལ་སྲསམོ་མཆོག་ བྱོན་གནང་ནི་དེ་གིས་ དབང་པོ་སྐྱོན་ཅན་ཚུ་གི་ ལྕོགས་གྲུབ་གོང་འཕེལ་གྱི་དོན་ལུ་ མི་དབང་རྒྱལ་སྲསམོ་མཆོག་གི་ འགྱུར་ལྡོག་མེད་པའི་ རྒྱབ་སྐྱོར་གྱི་ བརྡ་མཚོན་སྟོན་ཡོདཔ་ད་ དེ་ཡང་ དབང་པོ་སྐྱོན་ཅན་གྱི་ རྩེད་འགྲན་ནང་ ནུས་སྟོབས་དང་ འགྱུར་ཁྱད་ གྲུབ་འབྲས་ཀུན་ཚང་ལུ་ འབྲུག་གི་ཡར་སེང་ཅན་གྱི་ ཁས་ལེན་ཡོད་ཚུལ་སྟོན་པའི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 675
Users Yesterday : 1780
This Month : 30819
This Year : 210722
Total Users : 922539
Views Today : 741
Total views : 2700871
Who's Online : 11