
སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁས་བླངས་ཞབས་ཏོག་ལས་རིམ་ ཐེངས་ ༦ པ་དེ་ མཇུག་བསྡུ་ཡོདཔ་ད་ ལས་རིམ་དེ་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལས་ འགོ་འདྲེན་འཐབ་ནུག།
ལས་རིམ་དེ་ནང་ དགེ་སློང་དང་ དད་དམ་ཅན་གྱི་ སོ་ནམ་ཞིང་པ་ གཡུས་སྒོའི་མི་སེར་ གཞུང་གི་ལྷན་ཁག་ རྫོང་ཁག་བདག་སྐྱོང་ ཚོང་ལཱ་འབད་མི་ དེ་ལས་ ཨཱཛ་ཊྲེ་ལི་ཡ་ལུ་སྡོད་མི་ འབྲུག་མི་བཅས་ རྒྱལ་ཁབ་མཐའ་དབུས་མེད་པའི་ ས་ཁོངས་ཚུ་གི་ནང་ལས་ ཁས་བླངས་པ་ ༨,༡༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།




Users Today : 33
Users Yesterday : 1878
This Month : 32055
This Year : 211958
Total Users : 923774
Views Today : 43
Total views : 2702712
Who's Online : 4