དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཝཱེབ་ཌ་ཡག་ནོཛ་ཊིག་གི་བར་ན་ འཕྲུལ་རིག་གནས་ཚད་ཀྱི་ འཕྲོད་བསྟེན་ལས་ཁང་ གཞི་བཙུགས་ཀྱི་ མཉམ་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཝཱེབ་ཌ་ཡག་ནོཛ་ཊིག་གི་བར་ན་ འཕྲུལ་རིག་གནས་ཚད་ མཐོ་དྲགས་ཀྱི་ རིགས་མཚན་འཕྲོད་བསྟེན་སྐྱོང་བཞག་ལས་ཁང་ གཞི་བཙུགས་ཀྱི་དོན་ལས་ ལོ་ངོ་ ༣ གྱི་རིང་ལུ་ མཉམ་འབྲེལ་འབད་ནི་གི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ མི་ངོམ་ལུ་ གཙོ་བོར་བཟུང་པའི་ ནད་བརྟག་དང་ རིགས་མཚན་གུ་ གཞི་བརྟེན་པའི་ འཕྲོད་བསྟེན་གྱི་ ཞབས་ཏོག་ཚུ་ རྒྱལ་ཁབ་ནང་ མགྱོགས་པ་ར་ འཐོབ་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: