ཚོང་ལཱ་འབད་མི་ཚུ་གིས་ ཚོང་ཆས་ཚུ་ལུ་ གོང་ཚད་ཡར་སེང་འབད་མ་ཆོག་པའི་ སྔ་གོང་དྲན་བསྐུལ།

སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ དོ་འགྲན་དང་ ཉོ་སྤྱོད་དབང་འཛིན་གྱིས་ གསལ་བསྒྲགས་འབད་བའི་ནང་གསལ་ ད་རེས་ དཀའ་ངལ་ཅན་གྱི་ གནས་སྟངས་ནང་ ཚོང་ལཱ་འབད་མི་ཡོངས་ཀྱིས་ ཀུན་སྤྱོད་ལུ་ བརྩི་བཀུར་འབད་དགོ་ཟེར་ཨིན་པས།
དེ་ཡང་ འབྲུག་གཞུང་གིས་ འཚོ་བའི་གནས་གོང་ བརྟན་ཏོག་ཏོ་ བཟོ་ནའི་དོན་ལས་ ས་སྣུམ་གྱི་ གོང་ཚད་ལུ་ མ་དངུལ་ལྷན་ཐབས་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ གནང་དོ་ཡོདཔ་ལས་ ཚོང་ལཱ་འབད་མི་ཚུ་གིས་ ས་སྣུམ་གྱི་ གོང་ཚད་ཡར་སེང་ལུ་ ཧད་ཕུད་དེ་ ཅ་ཆས་ཀྱི་ གོང་ཚད་ཚུ་ བདེན་ཁུངས་མེད་པར་ ཡར་སེང་འབད་མི་ཆོག་ཟེར་བཀོད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: