འབྲུག་གི་དངུལ་ཁང་ཚད་འཛིན་ལུ་ སྒྲིག་གཞི་བཀག་དམ།

པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་དངུལ་ཁང་གིས་ འཕྲུལ་རིག་བསྐྱར་བཀོད་ལུ་བརྟེན་ཏེ་ ཚོང་མགྲོན་པ་ཅིག་གི་ རྩིས་ཁྲའི་ནང་ ཏི་རུ་འབོར་ཆེ་ཏོག་ཏོ་སྦེ་ འཛུལ་ཡོད་པའི་སྐོར་ལས་ ཞིབ་དཔྱད་འབད་མི་དེ་ མཇུག་བསྡུ་ཡི་ཟེར་ཨིན་པས།
དེ་ཡང་ རྒྱལ་གཞུག་དངུལ་ལས་དབང་འཛིན་གྱིས་ གནད་དོན་དེ་ འཕྲུལ་རིག་བསྐྱར་བཀོད་ ཉག་གཅིག་ལུ་བརྟེན་ཏེ་ ཐོན་ཡོདཔ་སྦེ་ བརྩི་མི་ཚུགས་ཟེར་ཨིནམ་ད་ དེ་བཟུམ་མའི་ གནད་དོན་གྱི་ གནས་སྟངས་དང་ སྐྱོན་ཚུ་གི་ ཚབས་ཆེ་ཧིང་ གསལ་སྟོན་འབད་ནི་ལུ་ གནོད་པ་བྱུངམ་ཨིན་པའི་སྐོར་ལས་ གསལ་བཀོད་འབད་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: