
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འབྲུག་ལུགས་དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་ཟབ་མོ་ གནང་མི་དེ་ རང་ཟླ་ ༢ པའི་ཚེས་ ༣༠ སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ མཇུག་བསྡུ་ཡོདཔ་ད་ དེ་ཡང་ རང་ཟླ་ ༢ པའི་ཚེས་ ༣ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལས་ འགོ་བཙུགས་ཏེ་གནང་ནུག།
བཀའ་དབང་དེ་གི་ འཕྲོ་མཐུད་དེ་ར་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ རང་ཟླ་ ༣ པའི་ཚེས་ ༡ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ལྷུན་རྩེ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ ཐེངས་ ༡༨ པ་ འཚོགས་གནང་དོ་ཡོདཔ་ཨིན་པས།
དེ་ལས་ རང་ཟླ་ ༣ པའི་ཚེས་ ༤ སྤྱི་ཟླ་ ༤ པའི་ཚེས་ ༢༡ ལུ་ བླ་མ་གུ་རུ་དྲག་དམར་གྱི་ ཚོགས་འཁོར་བསྐོར་གནང་ནི་དང་འབྲེལ་ཏེ་ ཆོས་ཞུ་མི་ཡོངས་ལུ་ ཕྱག་དབང་གནང་ཐོག་ལས་ དབང་ལུང་གི་ ལས་རིམ་དེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།




Users Today : 472
Users Yesterday : 1778
This Month : 34272
This Year : 214175
Total Users : 925991
Views Today : 600
Total views : 2706093
Who's Online : 9