
བི་བི་སི།
འགས་རྐྱེན་དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ ཕྱི་རོ་ཁམས་ཅིག་ཁར་ ཝི་རུ་དྷུ་ན་གར་ ཝ་ན་ཇ་ ཤོག་བམ་བཟོ་གྲྭ་འཕྲུལ་ཁང་ནང་ བྱུང་ཡོདཔ་ད་ དེ་བསྒང་ བཟོ་གྲྭ་འཕྲུལ་ཁང་དེ་ སྒོ་བསྡམས་དགོཔ་ཨིན་རུང་ ལས་མི་ ༥༠ དེ་ཅིག་ འཕྲུལ་ཁང་ནང་ར་ སྡོད་ནུག་ཟེར་ཨིན་པས།
རྐྱེན་ངན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་མ་ཚད་ ཉེན་སྲུང་གི་ལཱ་ཚུ་ཡང་ མཇུག་བསྡུ་ཡོད་རུང་ འཕྲུལ་ཁང་གི་ སྒྲིང་ཁྱིམ་ནང་ ཤོག་བམ་དེ་ཚུ་ འགས་བཞིན་དུ་ཡོདཔ་སྦེ་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ བཟོ་གྲྭ་འཕྲུལ་ཁང་གི་ ཇོ་བདག་དང་ ལཱ་བཀོདཔ་ལུ་ ཉོག་བཤད་བཀོད་ཡོད་རུང་ ཁོང་གཉིས་ཆ་ར་ བྱོག་ཡར་སོང་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཁོང་ ༢ འཚོལ་ཞིབ་དང་ འཛིན་བཟུང་འབད་ནིའི་དོན་ལུ་ དམིགས་བསལ་གྱི་ སྡེ་ཚན་ ༤ གཞི་བཙུགས་འབད་དེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 2471
Users Yesterday : 7728
This Month : 37361
This Year : 333327
Total Users : 1045143
Views Today : 2899
Total views : 2985636
Who's Online : 11