རྒྱ་གར་ཀཤ་མིར་ལུ་ མི་མང་སྐྱེལ་འདྲེན་ སྣུམ་འཁོར་བཱཛ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ༤༥ ལུ་རྨ་སྐྱོན།

ཨཱལ་ཇ་ཛི་ར།

སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ རྒྱ་གར་ཀཤ་མིར་མངའ་སྡེའི་ ལུང་གཤོང་དོགས་དྲགས་ཅིག་ནང་ མི་མང་སྐྱེལ་འདྲེན་ སྣུམ་འཁོར་བཱཛ་ཅིག་ འགྱེལ་ཏ་རྐྱབ་སྟེ་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོངཔ་ལས་ མི་གྲངས་ ༢༡ ལུ་ ཤི་རྐྱེན་དང་ ༤༥ ལུ་ རྨ་སྐྱོན་བྱུང་ནུག།

དེ་ཡང་ ཇ་མུ་དང་ ཀཤ་མིར་གྱི་ ཨུ་དྷམ་པུར་ རྫོང་ཁག་ལུ་ ས་གནས་ཀ་ནོ་ཏེ་ཟེར་སར་ བྱུང་ཡོདཔ་ད་ ཞི་བའི་བདག་སྐྱོང་འགོ་དཔོན་ པེ་རེམ་སིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྡོད་ཁྲི་ ༤༢ འབད་མི་ སྣུམ་འཁོར་བཱཛ་དེ་ནང་ མི་གྲངས་ ༦༠ ལྷགཔ་ཅིག་ འབག་ནུག་ཟེར་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: