མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ ཧེ་ཌྲི་ཡཱན་ཟེར་མི་ གཟེངས་རྟགས་ཕུལ་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༢༩ ཉིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུག་མཆོག་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ ཧེ་ཌྲི་ཡཱན་ཟེར་མི་ གཟེངས་རྟགས་ཕུལ་ཡོདཔ་ད་ དེ་ཡང་ འཛམ་གླིང་དྲན་རྟེན་མ་དངུལ་ནང་ལས་ མདོ་ཆེན་བཀོད་ཚོགས་ཀྱི་ གཙོ་འཛིན་འོགམ་ ཇུ་ཨཱན་པབ་ལོ་ མོ་ལི་ནིགཛ་ ཌེ་སི་ཌེན་ཌིཤ་བར་ནི་གིས་ འགོ་ཁྲིད་འབད་དེ་ འབྲུག་ལུ་འོང་མི་ སྡེ་ཚན་གྱིས་ཕུལ་ནུག།  

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: