མི་དབང་མཆོག་གིས་ རྒྱ་གར་གྱིས་ ས་མཚམས་འཁོར་ལམ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༥ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱིས་ ས་མཚམས་འཁོར་ལམ་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་ གུང་བློན་ཧར་པཱལ་སིང་དང་ མཇལ་ཕྲད་མཛད་གནང་ནུག།

རྒྱ་གར་གཞུང་གི་ སྲུང་སྐྱོབ་ལྷན་ཁག་འོག་གི་ ས་མཚམས་འཁོར་ལམ་ལས་སྡེ་དེ་གིས་ རྒྱ་གར་གྱི་ ས་མཚམས་བདའ་སྟེ་དང་ འབྲུག་བཟུམ་མའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ དཱན་ཏག་ལས་འགུལ་ཟེར་བའི་ མིང་གནས་ཐོག་ལུ་ འཁོར་ལམ་ཚུ་ གོང་འཕེལ་བཏང་སྟེ་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: