འབྲུག་ཉེན་སྒྲོལ་སྡེ་ཚོགས་ གཞི་བཙུགས་འབད་དེ་ མི་ལོ་ ༡༠ འཁོར་བའི་ དུས་དྲན་བརྩི་སྲུང་།

པདྨ་དབང་འདུས།

སྤྱི་ཟླ་ ༥ པའི་ཚེས་ ༨ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ གཞི་བཙུགས་འབད་དེ་ མི་ལོ་ ༡༠ འཁོར་བའི་ དུས་དྲན་བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ནུག།

འབྲུག་ཉེན་སྒྲོལ་སྡེ་ཚོགས་དེ་ ཁེབ་སང་གི་དོན་ལུ་མིན་པའི་ ཁས་བླངས་སྡེ་ཚོགས་ཅིག་སྦེ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ བཅའ་ཁྲིམས་ ༢༠༡༦ ཅན་མའི་འོག་ལུ་ འགྲོ་བ་མིའི་ལས་དོན་ནང་ གཞུང་གི་ཡན་ལག་བཟུམ་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ སྐྱབས་འཛིན་གྱི་ ཕྱག་འགན་བཞེས་ཐོག་ལས་ འབྲུག་ལུ་ སྡེ་ཚོགས་གཞི་བཙུགས་འབད་ནིའི་ནང་ ཞལ་བཀོད་ཚུ་ གནང་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: