
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༧ ལུ་ འབྲུག་གི་དཔལ་འབྱོར་གོང་འཕེལ་གྱི་དོན་ལས་ དམིགས་བསལ་གྱི་ བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ སིངྒ་པོར་དང་ ཨ་བུ་དྷ་བི་རྒྱལ་སྤྱི་ཚོང་ལམ་ དེ་ལས་ ཧོང་ཀོང་ཚུ་དང་བཅས་པའི་ སྒྲིག་གཞི་ཅན་གྱི་ རྒྱལ་སྤྱིའི་དངུལ་འབྲེལ་ལྟེ་བ་སྦོམ་ཚུ་གི་དོན་ལུ་ མགྱོགས་ཤུགས་ལྡན་པའི་ ཆོག་ཐམ་གྱི་ མདུན་ལམ་ཅིག་ གསལ་བསྒྲགས་འབད་ནུག།
གསར་བཏོད་ལས་དོན་དེ་གིས་ ཁྱད་ཚད་གྲུབ་མི་ ཚོང་སྡེ་ཚུ་གིས་ ཞུ་བ་འབད་ནི་ལས་ ལག་ལེན་གྲ་སྒྲིག་ཚུན་གྱི་ལཱ་ཚུ་ དུས་ཚོད་ཐུང་སུ་ཅིག་ནང་ འབད་ཚུགས་ནི་དང་ དེ་ཡང་ སྒྲིག་གཞིའི་བསྐྱར་ཞིབ་ཚུ་ མགྱོགས་དྲགས་སྦེ་ ལག་ལེན་འཐབ་སྟེ་ དངུལ་ཁང་གི་ གཞི་རྟེན་མཁོ་ཆས་ཚུ་གི་ གོ་སྐབས་ཚུ་ཡང་ དེ་འཕྲལ་ལས་ འཐོབ་ཚུགས་ནི་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།




Users Today : 2531
Users Yesterday : 1769
This Month : 25979
This Year : 254820
Total Users : 966636
Views Today : 4733
Total views : 2800170
Who's Online : 50