
པདྨ་དབང་འདུས།
སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ འབྲུག་རྒྱལ་ཁབ་དང་ སིངྒ་པོར་རྒྱལ་ཁབ་ཀྱི་བར་ན་ འབབ་ཁུངས་ཁྲལ་དང་འབྲེལ་བའི་ ཁྲལ་གཉིས་ལྡབ་སྔོན་འགོག་དང་ དངུལ་རྩིས་ལས་ ཟུར་ཐབས་བཀག་འཛིན་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནུག།
མཚན་རྟགས་དེ་ཡང་ སིངྒ་པོར་ལུ་སྦེ་ འབྲུག་གཞུང་དང་ དམིགས་བསལ་གྱི་ བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྱད་ཚབ་ལུ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་དང་ སིངྒ་པོར་གཞུང་གི་ ཁྱད་ཚབ་ལུ་ སྐྱེལ་འདྲེན་བློན་པོ་ངོ་ཚབ་དང་ དངུལ་རྩིས་ཀྱི་ རྒྱལ་ཁམས་བློན་པོ་གོངམ་ ཇེ་ཕི་རི་སི་ཨའོ་གིས་ བཀོད་གནང་ཡོདཔ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།






Users Today : 2156
Users Yesterday : 3481
This Month : 29085
This Year : 257926
Total Users : 969742
Views Today : 6934
Total views : 2809470
Who's Online : 20