ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་ གསུང་གྲོས་ཀྱི་ བཅུད་དོན་སྦོམ་ཅིག་མེད་ཐོག་ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ཡོདཔ།

རོའི་ཊརཛ།
ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གི་བར་ན་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ ཉིན་གྲངས་ ༢ ཀྱི་རིང་ གསུང་གྲོས་གནང་པའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ སྲིད་འཛིན་ཌོ་ནཱལ་ཊཱམ་མཆོག་ ཡུ་ཨེཛ་ལུ་ ལོག་བྱོན་ནུག།
སྲིད་འཛིན་ཊཱམ་མཆོག་ བེ་ཇིང་ལུ་བཞུགསཔ་ད་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་གྱི་ དཀའ་ངལ་སྐོར་ལས་དང་ ཨི་རཱན་གྱི་ ཕྱད་མདའ་མཇུག་བསྡུ་ནིའི་སྐོར་ལས་ གསུང་གྲོས་གནང་ཡོད་རུང་ གྲུབ་འབྲས་སྦོམ་ཅིག་ ག་ནི་ཡང་ བྱུང་མ་ཚུགསཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: