གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུན་པ་ཚུ་ སྤུ་ན་ཁ་ལས་ ཐིམ་ཕུ་ལུ་ གསོལ་ཐབ་ཕེབས་ཡོདཔ།

རང་ཟླ་ ༣ པའི་ཚེས་ ༣༠ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ དཔལ་ལྡན་འབྲུག་པའི་ ནང་རྟེན་ཁྱད་པར་ཅན་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་དང་ ནང་རྟེན་བྱིན་ཅན་ཚུ་གིས་ སྣ་འདྲེན་ཏེ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་གིས་ དབུ་གཙོས་པའི་ སློབ་དཔོན་ལྷན་རྒྱས་ཚུ་དང་ བླ་སློབ་ འཕགས་པའི་དགེ་འདུན་པ་ཚུ་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལས་ དབྱར་གྱི་བཞུགས་གནས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ གསོལ་ཐབས་ཕེབས་གནང་ཡི།
དེ་ཡང་ སྔར་སྲོལ་ལམ་ལུགས་དང་འཁྲིལ་ཏེ་ རང་ཟླ་ ༣ པའི་ཚེས་ ༣༠ ལུ་ དགུང་ཞག་སེམས་རྟོགས་ཁའི་རྫོང་ནང་ བཞུགས་ཡོདཔ་ད་ རང་ཟླ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ཚེས་ ༡༧ ལུ་ བཀྲ་ཤིས་ཆོས་རྫོང་ནང་ ཕེབས་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: