རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་གི་ཏམ་ཁུ་དམ་འཛིན (འཕྲི་སྣོན) དཔྱད་ཡིག་ ༢༠༢༦ ཅན་མར་ གསུང་གྲོས་གནང་ཡོདཔ།

སྤྱི་ཟླ་ ༥ པའི་ཚེས་ ༢༠ དང་ ༢༡ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་གི་ཏམ་ཁུ་དམ་འཛིན (འཕྲི་སྣོན) དཔྱད་ཡིག ༢༠༢༦ ཅན་མར་ གསུང་གྲོས་གནང་སྟེ་ དོན་ཚན་མང་ཤོས་ཅིག་ར་ མོས་མཐུན་གྱི་ཐོག་ལས་ ཆ་འཇོག་གྲུབ་ཡོད་རུང་ དོན་ཚན་དག་པ་ཅིག་གུ་ འཐུས་མི་ཚུ་གིས་ ཐུགས་ཀྱི་ཚ་གྱང་ཡོད་ལུགས་ཚུ་ བཀོད་པ་ལུ་བརྟེན་ཏེ་ ནང་འཁོད་ཞལ་འཛོམས་ནང་ བཏང་གནང་ཡོདཔ་ཨིན་པས།

དེ་ཡང་ མི་སྡེ་དང་ ལམ་སྲོལ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ དབང་འདུས་ཕོ་བྲང་རྫོང་ཁག་གི་ འཐུས་མི་གིས་ འབྲུག་གི་ཏམ་ཁུ་དམ་འཛིན (འཕྲི་སྣོན) དཔྱད་ཡིག་ ༢༠༢༦ ཅན་མ་ ངོ་སྤྲོད་ཕུལ་ཐོག་ལས་ དཔྱད་ཡིག་གི་ དོན་ཚན་རེ་རེ་བཞིན་དུ་ལུ་ གསུང་གྲོས་གནང་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: