མི་སེར་གྱི་ ས་ཆ་ཚུ་ སྨན་ཁང་དང་ སློབ་གྲྭ་ སོ་ནམ་ཞིང་ལམ་ཚུ་ནང་ ཚུད་མི་ཚུ་གི་ དང་ལེན་སྙན་ཞུ།

དངུལ་རྩིས་ལྷན་ཁག་གིས་ མི་སེར་གྱི་ས་ཆ་ གཞུང་གི་སྨན་ཁང་དང་ སློབ་གྲྭ་ དེ་ལས་ སོ་ནམ་ཞིང་ལམ་ནང་ ཚུད་མི་ཚུ་ལུ་ མི་སེར་གྱིས་ ས་ཁྲལ་བཏབ་དགོཔ་ཐོན་ཏེ་ བྱ་སྟབས་མ་བདེཝ་ཡོད་པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཕུལ་ནུག།

དེ་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ དེ་ལས་ དངུལ་རྩིས་ལྷན་ཁག་ ༣ གྱི་བར་ན་ མཉམ་འབྲེལ་དྲུང་ཆེན་གྱི་ གནས་རིམ་ཞལ་འཛོམས་ ཚོགས་ཡོདཔ་ད་ དེ་བསྒང་ སོ་ནམ་ཞིང་ལམ་བཏོན་པའི་སྐབས་ལུ་ སྒེར་གྱི་ས་གནས་ཚུ་ནང་ གནོད་པ་ག་དེ་སྦེ་ར་ ཕོག་དོ་ཡོདཔ་ཨིན་ནའི་སྐོར་ལས་ བརྟག་ཞིབ་འབད་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་པ་ཅིན་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: